Pay / appeal citation – བོད་ཡིག / Tibetan

དུས་འགྱངས་ཉེས་ཆད་ (late penalties) སྔོན་འགོག་བྱེད་ཆེད། སྐྱེལ་འདྲེན་ལས་ཁུངས་ (Transportation Services) ལ་ཁྱེད་ཀྱི་སྤྲོད་འབབ་ བམ་ཞུ་གཏུག་སྙན་ཞུ་ (appeal) ངེས་པར་དུ་ཁྲིམས་འགལ་བརྡ་ཐོ་ (citation) སྤྲད་ཉིན་ནས་བརྩིས་པའི་ཉིན་ ༡༠ ནང་ཚུན་འབྱོར་དགོས་ཀྱི་ཡོད།

སྤྲོད་འབབ་འབུལ་ཕྱོགས་གདམ་ཀ

དྲ་ལམ།  དྲ་ཚིགས་ transportation.wisc.edu སྟེང་ནས་ Pay/Appeal Citation (བུན་དངུལ་ཀར་ཌི credit དང་རང་དངུལ་ཀར་ཌི་ debit cards ངོས་ལེན་ཡོད) ཞེས་པ་འདེམ་རྒྱུ།

མི་དངོས་ཆེད་སྐྱོད། སྐྱེལ་འདྲེན་ལས་ཁུངས་ (Transportation Services) ཀྱི་ཡིག་ཚང་ (དངུལ་དམར་དང་། ཅེག་འཛིན། བུན་དངུལ་དང་རང་དངུལ་ ཀར་ཌི་ངོས་ལེན་ཡོད) ལ་འགྲོ་རྒྱུ།

སྦྲག་ཐོག  ཡིག་སྐོགས་འདིའི་ནང་དུ་ཅེག་འཛིན་དང་ཁྲིམས་འགལ་བརྡ་ཐོ་བསྐུར་རྒྱུ། ཅེག་འཛིན་སྟེང་དུ་སྤྲོད་འབབ་འབུལ་ཡུལ་ UW Transportation Services ཞེས་པ་འབྲེལ་རྒྱུ། ཐུགས་སྣང་། ང་ཚོས་སྦྲག་ཐོག་ནས་དངུལ་དམར་རམ་བུན་དངུལ་ཀར་ཌིའི་གནས་ཚུལ་ངོས་ལེན་བྱེད་ཀྱི་མེད།

ཞུ་གཏུག་བྱེད་ཕྱོགས་གདམ་ཀ

དྲ་ལམ། དྲ་ཚིགས་ transportation.wisc.edu སྟེང་ནས་ Pay/Appeal Citation ཞེས་པར་ནོན་རྡེག་གིས་ཞུ་གཏུག་འགེང་ཤོག་ འབུལ་སྤྲོད་བྱ་རྒྱུ།

མི་དངོས་ཆེད་སྐྱོད།  སྐྱེལ་འདྲེན་ལས་ཁུངས་ (Transportation Services) ཀྱི་ཡིག་ཚང་དུ་ཞུ་གཏུག་འགེང་ཤོག་འབུལ་སྤྲོད་བྱ་རྒྱུ། གལ་ཆེན་ཞིག་ནི། ང་ཚོས་ང་ཚོའི་གཞུང་འབྲེལ་འགེང་ཤོག་ཐོག་ནས་ཞུ་གཏུག་འགེང་འབུལ་བྱས་པ་ཁོ་ན་ངོས་ལེན་བྱེད་ཅིང་། ངག་ཐོག་གམ་ཡིག་ཐོག་བརྡ་ལན་ལ་ངོས་ལེན་བྱེད་ཀྱི་མེད།།